【牧民】藏模朗求

འབྲོག་པ།丨牧民
རྩོམ་པ་པོ། བེ་དུང་།
作者:外懂
གྱེར་འདོན་མཁན། ཤོམ་པ་གླིང་ཆོས།
朗读:藏模朗求

༡
ཁ་ཆར་དང་བུ་ཡུག་གི་གདུག་རྩུབ་ཁྲོད་དུ་ཀྲོང་ངེར་འགྱིངས་བའི་འབྲོག་པ།
历经风吹雨打依然矗立于世界屋脊之牧民,
རྟ་ལ་དགའ་ཞིང་ཤ་དང་འོ་མ་ལ་དུང་བའི་མཐོ་སྒང་གི་འབྲོག་པ།
喜爱骑马且食以牛奶牛肉之高原牧民,
སྨུག་ནག་གི་ངོ་གདོང་ལ་ཙད་དང་ཁ་ཆར་གྱིས་བརྙས་པའི་འབྲོག་པ།
黝黑的皮肤经历风吹日晒者亦是牧民。
༢
གོས་དཀར་ལྭ་བ་མནབས་པའི་ས་ཆེན་སྟེང་ན་འཚོ་བའི་འབྲོག་པ།
身着白色皮衣生活于无尽草原之牧民,
བག་ཡངས་ཀྱིས་རྒྱུ་བའི་རྟ་ནོར་ལུག་གསུམ་གྱི་བདག་པོ།
乃安然散落与草原之上的牛羊马群之主人。
མགོ་སྐྲ་རིང་བོ་རླུང་དང་ཁ་བ་ལ་བརྡར་བའི་འབྲོག་པ།
乌黑长发与冷风大雪摩擦之牧民,
རང་བྱུང་ཁམས་ཀྱིས་བཞེངས་པའི་སྒྱུ་རྩལ་གྱི་རི་མོ།
牧民是自然界所塑造的艺术奇画。
༣
ཕྲེང་བ་ལག་ནས་མི་དོར་ཞིང་དཀོན་མཆོག་ཡིད་ནས་མི་འབོར་བའི་འབྲོག་པ།
手不离念珠心不离三宝之牧民,
ཁ་བ་ལྷབ་ལྷུབ་དང་ལྷགས་རླུང་འུར་འུར་ཁྲོད་ཀྱི།
大雪皑皑与冷风飕飕当中,
ཐོ་ཡོར་བཞིན་འགྲེངས་པའི་ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ།
犹如石碓般昼夜不分勤劳朴实之牧民。
རེས་སྐྱིད་རེས་སྡུག་གིས་འཚོ་ཞིང་གཏམ་བཤད་ཀུ་རེ་ལ་མོས་པའི་འབྲོག་པ།
笑脸相迎生活中的酸甜苦辣之事者亦是牧民。
༤
རང་གཤིས་སྲ་ཞིང་མཁྲེགས་ལ་བློ་ཁོག་ཡངས་ཤིང་ཆེ་བའི་འབྲོག་པ།
心性坚定且心胸宽广之牧民,
དུས་ཀུན་ཀི་འདེབས་ཤིང་རྒོད་པོ་དང་བཙན་པོ་འཐབ་པའི་འབྲོག་པ།
不畏强权且喉声响亮之牧民。
འབྲོང་གཡག་དར་མའི་རྭ་རྩེ་ནས་མར་གནོན་མྱོང་བའི་འབྲོག་པ།
徒手降服野蛮牦牛之牧民,
རྟ་མཆོག་རྒོད་པོའི་ཟེ་བ་ནས་སྤར་ཁས་སྡོམ་མྱོང་བའི་འབྲོག་པ།
驯服良种宝马习气温顺之牧民。
༥
ཕུང་བོར་ཚིལ་དྲེགས་ཆགས་པའི་ང་ཡི་འབྲོག་པ།
虽外身不净然内心纯洁之牧民,
བྲིས་མི་ཚར་བའི་ཚོར་བའི་གཏིང་གི་སྙན་ངག
乃是写不尽的感想之诗、
བླང་མི་ཚར་བའི་བརྙན་མིག་ནང་གི་པར་རིས།
拍不完的美丽画面;
དེ་ནི་ཚེ་རབས་གཏན་གྱི་འབྲོག་པ་ཡིན།
乃是世代不变之牧民;
ང་ཡི་སྙིང་དང་རུས་བར་ཟུག་པའི་འབྲོག་པ་ཡིན།
亦是深入我的心与骨髓之牧民,
ང་ཡི་རྩྭ་ཐང་གི་པང་པར་འཐིབ་པའི་འབྲོག་པ་ཡིན།
以及与广大草原深深契合之还是牧民。