【几度夕阳红】三佰东主

གནས་ཚང་།丨几度夕阳红
ཚིག རྡོ་གྲགས།
词:多智合
དབྱངས། བསམ་པའི་དོན་འགྲུབ།
曲:三佰东主
ལེན་མཁན། བསམ་པའི་དོན་འགྲུབ།
演唱:三佰东主

1
དགུང་ཉི་མ་ནུབ་རིར་ཡུབ་ཐལ།
夕阳挂在山顶
རི་ཆེན་པོར་གྲིབ་ཆེན་ཁུགས་ཐལ།
大山的长影伸向远方
བྱ་འདབས་ཆགས་ཚང་ལ་བསྙེགས་ཐལ།
鸟儿归巢了
རྟ་ནོར་ལུག་ལྷས་ལ་འཁོར་ཐལ།
牛羊归圈了
ས་ཐག་རིང་ཡུལ་ལ་བལྟ་དུས།
看远方
ལམ་སྐྱ་མོ་གནམ་གྱི་མཐའ་རེད།
路伸向天际
ས་འདི་ཡི་ས་མིང་མི་ཤེས།
这肥沃的草场叫什么
སྡེ་འདི་ཡི་སྡེ་མིང་མི་ཤེས། །
这富饶的牧场叫什么
ངའི་འགྲོ་རོགས་དུང་བྱ་དཀར་མོ།
我的百灵鸟啊
ང་འདུག་སའི་གནས་ཚང་གང་ཡིན།
我俩今夜归宿在何方
2
དགུང་ཉི་མ་ལ་ཁའི་རྩེ་རེད།
夕阳西下天色暗淡
རྟ་ནོར་ལུག་ལྷས་ཀྱི་མཐའ་རེད།
牛羊归来牧人到家
ལ་མཐོན་པོ་གཤོག་པས་བཅད་རུང་།
翻过一座山
ཐང་ཆེན་པོ་གནམ་གྱི་མཐའ་རེད།
又是无边的草原
དགུང་ཕྱི་དྲོའི་ས་རྩ་རུབ་ཐལ།
黄昏之际
ངའི་སེམས་རྩ་རྟ་ཕོའི་བྲེལ་རེད།
思绪万千
ས་འདི་ཡི་ས་ངོ་ཨི་ཤེས།
此地虽好不知叫什么
སྡེ་འདི་ཡི་སྡེ་མིང་ཨི་ཤེས།
牧场虽美不是我归宿
ངའི་འགྲོ་རོགས་དུང་བྱ་དཀར་མོ།
我的百灵鸟
ང་འདུག་སའི་གནས་ཚང་གང་ཡིན།
今夜我俩梦落何方
ས་འདི་ཡི་ས་ངོ་ཨི་ཤེས།
此地虽好不知叫什么
སྡེ་འདི་ཡི་སྡེ་མིང་ཨི་ཤེས།
牧场虽美不是我归宿
ངའི་འགྲོ་རོགས་དུང་བྱ་དཀར་མོ།
我的百灵鸟
ང་འདུག་སའི་གནས་ཚང་གང་ཡིན།
今夜我俩梦落何方